ཁྱད་ཡོན་གྱི་ཐོ་ངེས་གཏན་གྱི་ཁས་ལེན།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི༌ཟླ༌ ༤ པའི༌ཚེས༌ ༢༤ ཚུན་གྱི་ ཁྱད་ཡོན་ཐོ་འཛོལ་མེད་ཀྱི་ཁས་ལེན་གྱི་ལན་གསལ་མ་གནང་བར་ཡོད་མིའི་ཞི་གཡོགཔ་ཚུ་གི་ཐོ་ གསལ་སྟོན༌འབདཝ༌ཨིན།༼ཐོ༌འདི༌བདུན༌ཕྲག༌ཨ༌རྟག༌ར༌དུས༌མཐུན༌

བཟོ༌ནི༌ཨིན།༽

གཤམ་གསལ་ཐོ༌འདི༌ནང༌ཚུད་མི༌ ཞི༌གཡོགཔ༌ག༌ར༌འབད༌རུང༌ རང་སོའི་ཁྱད་ཡོན་ཐོ་CSIS(ཞི་གཡོག་བརྡ་དོན་རིམ་ལུགས།) ནང་ གཟིགས་ཞིབ་གནང་སྟེ་ འཛོལ་བ་མེད་པ་ཅིན་ YES ཟེར་བའི་ལན་གསལ་དང་ འཛོལ་བ་ཡོད་པ་ཅིན་NO ཟེར་བའི་ལན་གསལ་འདི་ སྤྱི་ལོ་༢༠༡ སྤྱི་ཟླ་༤ པའི་སྤྱི་ཚེས་ ༣༠འི་ནང་འཁོད་ གནང་སྟེ་བཀྲིན་བསྐྱང་གནང།

ལྷན་ཁག་གི་ཞི་གཡོགཔ་ཚུ་གི་ ཁྱད་ཡོན་ཐོ་འཛོལ་མེད་ཀྱི་ཁས་ལེན་གྱི་ ལན་གསལ་མ་གནང་བར་ཡོད་མིའི་ ཐོ་གི་དོན་ལུ་ནཱ་ལུ་ཨེབ་གནང།

ལས་སྡེའི་ཞི་གཡོགཔ་ཚུ་གི་ ཁྱད་ཡོན་ཐོ་འཛོལ་མེད་ཀྱི་ཁས་ལེན་གྱི་ ལན་གསལ་མ་གནང་བར་ཡོད་མིའི་ ཐོ་གི་དོན་ལུ་ནཱ་ལུ་ཨེབ་གནང།

རྫོང་ཁག་དང་ཁྲོམ་སྡེའེ་ཞི་གཡོགཔ་ཚུ་གི་ ཁྱད་ཡོན་ཐོ་འཛོལ་མེད་ཀྱི་ཁས་ལེན་གྱི་ ལན་གསལ་མ་གནང་བ་ཡོད་མིའི་ཐོ་གི་དོན་ལུ་ནཱ་ལུ་ཨེབ་གནང།

བརྡ་སྐུལ་འདི་གཟིགས་ནིའི་དོན་ལུ་ནཱ་ལུ་ཨེབ་གནང། སྤྱི་ལོ་༢༠༡༥ སྤྱི་ཟླ་༤ པའི་སྤྱི་ཚེས་༡༧ ལུ་ཚོགས་ཡོད་པའི་ལྷན་ཚོགས་ཀྱི་ཞལ་འཛོམས་ ༢༣ པའི་ནང་ བརྡ་སྐུལ་འདི་ལུ་ལན་གསལ་མ་གནང་བར་བཞག་མི་ཚུ་གིས་ ཚུལ་མཐུན་གྱི་དང་ལེན་མ་འབད་ཚུན་གྱི་རིང་ འོག་ལུ་བཀོད་པའི་དོན་ཚན་ཚུ་གི་ཐོག་ལུ་ བྱ་ལེན་འཐབ་ནི་ཨིན་པའི་ གྲོས་ཆོད་བཏོན་ཡོདཔ་ཨིན།

༡༽ ངལ་གསོ་དང་འགྲོ་འགྲུལ་གྱི་འཐུས་(LTC)མི་སྤྲོད་ནི།

༢༽ ཡུན་རིང་དང་ཡུན་ཐུང་གི་སྦྱོང་བརྡར་ཚུ་ལས་བཀག་བཞག་འབད་ནི།

ཞི་གཡོགཔ་རང་སོའི་ཁྱད་ཡོན་ཐོ་གཟིགས་ནིའི་ནང་དཀའ་ངལ་བྱུང་པ་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ བརྒྱུད་འཕྲིན་ཨང་ ༠༢-༣༣༢༤༧༣ ཡང་ན་ གློག་འཕྲིན་ཨང་ informationcorrection@gmail.com ནང་འབྲེལ་བ་མཛད་གནང།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཞི་གཡོག་ནང་མི་སྟོབས་བྱ་ལེན་ག་རའི་དོན་ ཞི་གཡོག་བརྡ་དོན་རིམ་ལུགས་(CSIS) འདི་ལག་ལེན་འཐབ་ནིའི་སྲིད་བྱུས་དམ་དྲགས་ཡོདཔ་ལས་ ཁྱད་ཡོན་ཐོ་ནང་འཛོལ་བ་ཡོད་པ་ཅིན་ མི་སྟོབས་ཀྱི་བྱ་ལེན་འཐབ་ནི་ནང་ལུ་ བྱ་སྟབས་མ་བདེཝ་ཡོདཔ་ཨིན། དེ་འབདཝ་ལས་ ཞི་གཡོགཔ་ རང་སོའི་ཁྱད་ཡོན་ཐོ་འདི་ འཛོལ་བ་མེད་པ་ དུས་མཐུན་སྦེ་བཞག་དགོཔ་འདི་ ངེས་པར་དུ་ཁག་ཆེ།

ད་རེས་ཁམས་ཅིག་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཡིག་ཚང་ནང་སྦེ་ ཁྱད་ཡོན་ཐོ་དུས་མཐུན་བཟོ་ཡོད་པའི་ ཞི་གཡོགཔ་གི་ཐོའི་དོན་ལུ་ནཱ་ལུ་ཨེབ་གནང། མི་ངོམ་ཚུ་གི་ ཁྱད་ཡོན་ཐོ་ འཛོལ་བ་མེདཔ་སྦེ་ ཁས་ལེན་འབད་ཡོད་མི་ཚུ་ ཞི་གཡོག་བརྡ་དོན་རིམ་ལུགས་ནང་བཙུགས་བཞག་འབད་ཡོདཔ་ཨིན། ཁྱོད་རའི་ཁས་ལེན་གྱི་བདེན་ཚིག་གི་དོན་ལུ་ ཁྱད་ཡོན་ཐོ་གི་མཇུག་ལུ་ གཟིགས་གནང་།

ཁྱད་ཡོན་ཐོ་ དག་བཅོས་ཀྱི་དོན་ལུ་ རྒྱབ་རྟེན་ཡིག་ཆ་ཚུ་དང་སྦྲགས་ འགྲེམ་ཐོག ཡང་ན་གློག་འཕྲིན་ཐོག་ གཏང་ཡོད་མི་ཚུ་གིས་ལོག་ཏེ་ར་བཙུགས་མི་དགོ ང་བཅས་ཀྱིས་ ཁྱད་ཡོན་ཐོ་ཚུ་ ག་ཧེ་མ་འོང་མི་དང་འཁྲིལ་ཏེ་དག་བཅོས་འབད་བའི་བསྒང་ཡོདཔ་དང་ དག་བཅོས་འབད་དགོཔ་ལེ་ཤ་ཡོདཔ་ལས་ དུས་ཚོད་ལེ་ཤ་གོརཝ་ཨིན་པས། ཨིན་རུང་ དག་བཅོས་འབད་ཚརཝ་ཅིག་ དག་བཅོས་འབད་ཡོད་པའི་མི་ངོམ་ཚུ་གི་མིང་དང་ ཞི་གཡོག་ངོ་རྟགས་ཨང་ དེ་ལས་ ལས་སྡེ་ཚུ་ཡོངས་འབྲེལ་འཆར་སྒོ་ནང་བཙུགས་ཏེ་གསལ་སྟོན་འབད་འོང་།