བཀོད་ཁྱབ་གནས་རིམ་གྱི་ཞལ་འཛོམས་ཚོགས་ཡོདཔ།

87 total views, 1 views today

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ བཀོད་ཁྱབ་དང་མཁས་མཆོག་འཛིན་སྐྱོང་སྡེ་ཚན་གྱིས་ ཉིན་གྲངས་གཅིག་གི་རིང་ལུ་ སྤྱི་ལོ་༢༠༡༨ ལོའི་ བཀོད་ཁྱབ་ཞལ་འཛོམས་འདི་ ས་གནས་གསར་སྦིས་ཐང་ ཆོས་ཉིད་ལྡིངས་སྐྱིད་གནས་ནང་ལུ་འབད་འགོ་འདྲེན་འཐབ་ཡོདཔ་ཨིན། ཞལ་འཛོམས་འདི་ནང་ བཀོད་ཁྱབ་༤༦ གིས་བཅའ་མར་གཏོགས་ཡོདཔ་ཨིན། ཞལ་འཛོམས་ཀྱི་སྐབས་ལུ་ འགོ་ཁྲིདཔ་གི་བསམ་བཀོད་ཀྱི་སྐུགས་ཚད་ཐོབ་མི་དང་ ལོ་བསྟར་གྲུབ་འབྲས་གན་ཡིག་དང་ལོ་བསྟར་གྲུབ་འབྲས་དམིགས་གཏད་ མཚམ་ཚོད་བརྟག་དཔྱད་ལས་ཐོབ་པའི་ཡོན་ཏན་ ལྕོགས་གྲུབ་ཀྱི་འཆར་བཀོད་དང་ མི་སྟོབས་ཚོགས་ཆུང་ནང་བཀོད་ཁྱབ་ཀྱི་འགན་ཁུར་ དེ་ལས་འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མ་གསར་བཏོན་གྱི་ནང་ལུ་འགྱུར་བཅོས་ཡོད་མི་གཙོ་ཅན་ཚུ་གུར་གསུང་གྲོས་གནང་ཡོདཔ་ཨིན། ཉིན་གྲངས་གཅིག་གི་ཞལ་འཛོམས་འདི་ ཚོགས་སྟོན་ལས་རིམ་གྱིས་འདབ་མཇུག་བསྡུ་ཡོདཔ་ཨིན།