བརྡ་སྐུལ། - (༩/༡༢/༢༠༡༦།)

སྤྱི་ཚེས་༠༨/༡༡/༢༠༡༦ ལུ་ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་ཚོགས་ཞལ་འཛོམས་ཐེངས་༨༢ པའི་སྐབས་ལུ་ ཞི་གཡོག་བཅའ་ཡིག་༢༠༡༢ ཅན་མའི་དོན་ཚན་ ༩.༤.༤.༧ པ་ “སྦྱོང་བརྡར་གྱི་སྐབས་ལུ་ ཉིན་འཐུས་ནང་ཡངན་འགྲོ་སོང་ཚུ་ གྲོགས་རམ་པ་གིས་བྱིན་མིའི་ཐད་ གཞུང་གི་ཁ་ཐུག་ལས་དེ་ཚུ་བྱིན་མི་ཆོག” ཟེར་ཡོད་མི་འདི་ ཤོ་མཆུངས་སྦེ་ལག་ལེན་མ་འཐབ་པའི་མངོན་གསལ་བྱུང་ཡོདཔ་ཨིན། ཁ་གསལ།


ལས་བྱེད་འཐེབ་ཚུ་ ལོག་སྟེ་གཡོག་བཀོལ་གྱི་བརྡ་སྐུལ། - (༩/༡༢/༢༠༡༦།)

སྤྱི་ཚེས་༡༥/༡༡/༢༠༡༦ ལུ་ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཞལ་འཛོམས་ཐེངས་༨༣ པའི་སྐབས་ ལྷན་ཁག་དང་ལས་སྡེ་ དེ་ལས་མི་སྟོབས་འཛིན་སྐྱོང་སྡེ་ཚན་གྱིས་ ལས་བྱེདཔ་འཐེབ་ཚུ་ལོག་སྟེ་གཡོག་བཀོལ་འབད་མི་གུར་བསྐྱར་སྐབས་ ད་རུང་ལས་བྱེད་འཐེབ་བསྡུ་ལེན་འབད་དེ་ལོག་སྟེ་གཡོག་བཀོལ་འབད་དགོཔ་སྦེ་གསལ་སྟོན་བྱུང་ཡོདཔ་ཨིན།༌༌༌ཁ་གསལ།


ལྟ་སྐྱོར་གོངམ་གི་གནས་རིམ་ནང་གོ་གནས་ཡར་སེང་ཐོབ་མི་ ཡང་ན་གོ་གནས་བསྐྱར་བཟོ་འབད་མི་ཚུ་གི་དོན་ལུ་ ཞི་གཡོག་ཕན་བདེའི་ཕན་འདེབས་མ་དངུལ་བསྡུ་ཐངས། - (༣༡/༡༠/༢༠༡༦།)

སྤྱི་ལོ་༢༠༡༦ སྤྱི་ཟླ་༣ པའི་སྤྱི་ཚེས་༡ ལས་ ལེགས་བསྒྱུར་གྱི་ཡ་གྱལ་ཅིག་སྦེ་ཞི་གཡོག་ནང་འབྲུག་གི་ཞི་གཡོག་ཞི་བཀོད་ནང་ ལྟ་སྐྱོར་གོངམ་གི་དབྱེ་ཁག་ཅིག་འགོ་བཙུགས་འབད་ཡོདཔ་ཨིན།   ཁ་གསལ།


ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མའི་ ལེའུ་༥ པ་ ཁག་འབག་གི་དགོངས་དོན་ཚུ་འཕྲི་སྣོན་འབད་ཡོདཔ། - (༡༠/༡༠/༢༠༡༦།)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མའི་ ལེའུ་༥ པའི་ཁག་འབག་གི་དགོངས་དོན་འཕྲི་སྣོན་འབད་མི་ཚུ་གི་ བརྡ་སྐུལ་འབདཝ་ཨིན།


ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མའི་ དོན་ཚན་༡༦.༦.༦ པ་འདི་ འཕྲི་སྣོན་འབད་ཡོདཔ་ཨིན། - (༣༠/༠༩/༢༠༡༦།)

ཞི་གཡོགཔ་ཚུ་ འགྲུལ་འཐུས་ཐོབ་བརྗོད་ཀྱི་དོན་ལུ་ ཁོ/མོའི་སྣུམ་འཁོར་ཐོ་བཀོད་ཀྱི་ཡིག་འདྲ་བཙུགས་དགོ་མི་འདི་ མ་དགོཔ་སྦེ་ འཕྲིན་སྣོན་འབད་ཡོདཔ།


འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མའི་ གོ་གནས་ཡར་སེང་གི་བཅའ་ཡིག་ལེའུ་༡༣ པའི་དོན་ཚན་༡༣.༨.༣.༡ པ་འདི་འཕྲི་སྣོན་འབད་ཡོདཔ། - (༢༡/༠༩/༢༠༡༦།)

འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མའི་ གོ་གནས་ཡར་སེང་གི་བཅའ་ཡིག་ལེའུ་༡༣ པའི་དོན་ཚན་༡༣.༨.༣.༡ པའི་འཕྲི་སྣོན་འདི་ཡང་ གོ་གནས་ཡར་སེང་གི་དོན་ལུ་ ཉུང་མཐའི་ཤུལ་དབྱེ་ཞིབ་ཀྱི་ཚད་གཞི་གུ་འབད་ཡོདཔ་ཨིན། ཁ་གསལ།


མཁས་མཆོག་ལག་ལེན་གྱི་བརྡ་སྐུལ། - (༧/༠༧/༢༠༡༦།)

མཁས་མཆོག་ཚུ་ལེགས་ཤོམ་སྦེ་ལག་ལེན་འཐབ་མ་ཚུགས་པའི་དཀའ་ངལ་སེལ་ཐབས་ལུ་ འབྲུག་གི་ཞི་གཡོག་ལམ་ལུགས་ལེགས་བསྒྱུར་གྱི་ཆ་ཤས་ཅིག་སྦེ་ མཁས་མཆོག་ལག་ལེན་གྱི་བརྟག་ཞིབ་འགོ་འདྲེན་འཐབ་ཡོདཔ་ཨིན།  ཁ་གསལ།


རྩིས་ལོ་༢༠༡༥ སྤྱི་ཟླ་༧ པ་ལས་ ༢༠༡༦ སྤྱི་ཟླ་༦ པའི་དོན་ལུ་ ལཱ་ཤུལ་དབྱེ་དཔྱད་འབྲི་ཤོག་གསརཔ་བཟོ་ཡོདཔ། - (༧/༠༧/༢༠༡༦།)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ལས་སྡེ་ག་ར་ལུ་ ལཱ་ཤུལ་དབྱེ་དཔྱད་འབྲི་ཤོག་གསརཔ་བཟོ་ཡོད་པའི་ བརྡ་སྐུལ་འབདཝ་ཨིན། ལཱ་ཤུལ་དབྱེ་དཔྱད་དེ་ཡང་ མི་ངོ་རང་སོའི་ལཱ་གི་འཆར་གཞི་གུ་གཞི་བཞག་སྟེ་ཨིནམ་དང་ ཧེ་མའི་ལཱ་ཤུལ་དབྱེ་དཔྱད་འདི་ ད་རིས་གསརཔ་བཟོ་ཡོད་པའི་ སྤྱོད་ལམ་ལྕོགས་གྲུབ་འདི་གིས་འགབ་ནི་ཨིན།  ཁ་གསལ།


ཌོག་ཊར་ཚུ་གི་གཡོག་གི་མདུན་ལམ་ལེགས་སྒྱུར་གྱི་བརྡ་སྐུལ་བསྐྱར་བཟོ། - (༩/༠༥/༢༠༡༦།)

ཌོག་ཊར་ཚུ་གི་གཡོག་གི་མདུན་ལམ་ལེགས་སྒྱུར་གྱི་བརྡ་སྐུལ་ཨང་ ཨར་སི་ཨེས་སི/ཨེལ་ཨེས-༦༣/༢༠༡༥/༡༤༤༧ སྤྱི་ཚེས་༢༥/༡༡/༢༠༡༥ ཅན་མ་དེ་ སྤྱི་ཚེས་༠༣.༠༥/༢༠༡༦ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་ཚོགས་ཞལ་འཛོམས་ཐེངས་༦༠ པའི་ གྲོས་ཆོད་དང་འཁྲིལ་ཏེ་ བསྐྱར་བཟོ་འབད་ཡོདཔ་ཨིན།     ཁ་གསལ།


སློབ་གཉེར་གྲོགས་རམ་གསལ་བསྒྲགས། - (༤/༠༤/༢༠༡༦།)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཨི་ཊ་ལི་གཞུང་གི་འོག་ལུ་ མི་དམང་མཁོ་སྒྲུབ་ཀྱི་ཡུན་བརྟན་གོང་འཕེལ་སློབ་སྦྱོང་ཆོས་ཚན་ནང་ གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་དོན་ལུ་ མཁོ་སྒྲུབ་འགོ་དཔོན་ཚུ་ལུ་ སློབ་གཉེར་གཉེར་གྲོགས་རམ་གྱི་ས་སྟོང་ཅིག་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཁ་།གསལ་གྱི་དོན་ལུ་ གཤམ་འཁོད་འབྲེལ་མཐུད་གུ་གཡེབ་གནང་

༡.  ཁྱབ་བསྒྲགས་།

༢.  ཟུར་སྦྲགས་དང་པ།

༣.  ཟུར་སྦྲགས་གཉིས་པ།