བརྡ་སྐུལ།

འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་སྲིད་འཛིན་ལྷགཔ་རྡོ་རྗེ་གིས་ སྲིད་འཛིན་གྱི་གོ་གནས་ཁར་བསྐོ་བཞག་གནང་བའི་རྗེས་སུ་ བཀབ་ནེ་དང་དཔའ་རྟགས་ རྒྱལ་གཞུང་སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ལུ་ རྩིས་སྤྲོད་ཕུལ་ཡི། དེ་བཟུམ་སྦེ་ དབང་འདུས་ཕོ་བྲང་རྫོང་ཁག་གི་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་འཛིན་སྦེ་ འདེམས་བསྐོས་གནང་ཚརཝ་ད་ སྔོན་མའི་བཀབ་ནེ་དང་དཔའ་རྟགས་ཕུད་གནང་ཡི།

unnamed

གོང་གསལ་ཞི་གཡོགཔ་གཉིས་ཀྱིས་ དེ་སྦེ་དཔེ་སྟོན་བཟང་པོ་སྟོན་མི་འདི་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ངལ་རངས་ཀྱི་སྒོ་ལས་ངོས་ལེན་གནངམ་ཨིན། དེ་གིས་རང་སོའི་གོ་གནས་ལས་དགོངསམ་ཞུ་བའི་སྐབས་ གོ་གནས་དང་བསྟུན་པའི་བཀབ་ནེ་དང་དཔའ་རྟགས་ཚུ་ཡང་ ཕུད་གནང་དགོ་པའི་དྲན་ཚོར་ཅིག་ཨིན་པས། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ཡང་ ཞི་གཡོགཔ་ག་ར་གིས་ དཔེ་ཁོང་ལུ་བལྟ་སྟེ་མཛད་གནང་དགོ་པའི་ཞུ་བ་འབདཝ་ཨིན།