མི་སྟོབས་གྲོས་བསྟུན།

ཞི་ལྷན་མི་སྟོབས་གྲོས་གནས། སྤྱི་ལོ་ ༢༠༡༣ ཟླ་ ༡༡ པའི་ནང་ཚོགས་ཡོད་པའི་ ལོ་བསྟར་མི་སྟོབས་ཞལ་འཇོམས་ཀྱི་སྐབས་ལུ་ ལྷན་ཁག་དང་རང་སྐྱོང་ལས་སྡེ་ རྫོང་ཁག་དང་ཁྲོམ་སྡེའི་མི་སྟོབས་འགོ་དཔོན་ཚུ་གི་ནང་འཁོད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ནང་ ཡོངས་འབྲེལ་ཐོག་ལས་ བསམ་ལེན་བརྗེ་སོར་འབད་ནིའི་ལམ་ལུགས་བཙུགས་དགོ་པའི་རྒྱབ་སྣོན་འབད་ཡོད། གྲོས་གནས་འདི་གིས་ མི་སྟོབས་འགོ་དཔོན་ཚུ་གི་ནང་འཁོད་ལུ་བསམ་ལེན་ཚུ་བརྗེ་སོར་འབད་ནི་དང་ དོགས་སེལ་འབད་དེ་ མི་སྟོབས་བྱ་ལེན་ཚུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་། འབྲུག་གི་ཞི་གཡོག་བཅའ་ཁྲིམས་ ༢༠༡༠ ཅན་མ། དེ་ལས་འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞིའི་དགོངས་དོན་ཚུ་དང་འཁྲིལ་ཏེ་འབད་ཚུགས་ནི་ལུ་གོ་སྐབས་སྤྲོདཔ་ཨིན། མི་སྟོབས་འགོ་དཔོན་ཚུ་ གྲོས་གནས་དེའི་འཐུས་མི་སྦེ་ ཞི་གཡོག་མི་སྟོབས་འཛིན་སྐྱོང་དང་འབྲེལ་བའི་ ཁྲིམས་དང་བཅའ་ཡིག་ཚུ་གི་དགོངས་དང་འཁྲིལ་ཏེ་ དུས་མཐུན་གྱི་ཐོག་ལུ་གནས་དགོ། ཞི་ལྷན་གྱི་གྲོས་གནས།

གྲོས་གནས་ཀྱི་འཐུས་མི་སྦེ་འཛུལ་ནིའི་དོན་ལུ་ཐོ་བཀོད་འབད་དགོ