འཆར་སྣང་དང་དམིགས་དོན།

འཆར་སྣང།

ནུས་རྩལ་ཅན་དང་ཁྱད་རིག་ཅན་གྱི་ཞི་གཡོག་གིས་གཞུང་སྐྱོང་ལེགས་ལྡན་ཡར་དྲག་བཏང་སྟེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་འགྲུབ་ནི།

དམིགས་དོན།

༡༽ མི་དམངས་ཀྱི་ལཱ་འགན་དང་ཞབས་ཏོག་ཚུ་ འཇོན་ཐངས་ཅན་དང་། དྭངས་གསལ་ཅན། དེ་ལས་ འགན་འཁྲི་ཅན་གྱི་ཐོག་ལས་ཕུལ་ཐབས་ལུ་ རང་དབང་ཅན་དང་སྲིད་འབྲལ་གྱི་ཞི་གཡོག་ཅིག་སྦེ་ངེས་གཏན་བཟོ་ནི།

༢༽ ཞི་གཡོགཔ་ཚུ་གིས་ ཀུན་སྤྱོད་རྣམ་དག་དང་ དྲང་བདེན་གྱི་ལམ་སྟོན་ཐོག་ལས་ ཁྱད་རིག་གི་ཞབས་ཏོག་ཕུལ་དགོཔ་ངེས་གཏན་བཟོ་ནི།

༣༽ གསར་བསྐོས་དང་། བསྐོ་བཞག ལས་བྱེད་གཞི་བཀོད། སྦྱོང་བརྡར། གནས་སོར། དེ་ལས་ གོ་གནས་ཡར་སེང་གི་བཅའ་ཡིག་དང་སྒྲིག་གཞི་ཚུ་ ཞི་གཡོག་ནང་ཤོ་མཚུངས་སྦེ་ ཁྱབ་ཚུགསཔ་ངེས་གཏན་བཟོ་ནི།

༤༽ ཞི་གཡོག་འདི་ གཟེངས་ཐོན་གུ་གཞི་བཞག་ཐོག་ལས་ གྲངས་ཉུང་དང་། ཚད་ལྡན། དེ་ལས་ འཇོན་ཐངས་ཅན་སྦེ་ འཕྲོ་མཐུད་དེ་རྒྱུན་སྐྱོང་འབད་ནི།

༥༽ མི་སྟོབས་གོང་འཕེལ་ལས་རིམ་གྱི་ཐོག་ལས་ ཞི་གཡོག་གི་ལྕོགས་གྲུབ་ཡར་དྲག་གཏང་ནི།

༦༽ ཞི་གཡོགཔ་ག་ར་གི་བརྡ་དོན་གནས་ཚུལ་ཚུ་དུས་མཐུན་ཐོག་ལུ་རྒྱུན་སྐྱོང་འབད་ནི།

༧༽ ཞི་གཡོག་གི་དྲན་ཐོ་བཞག་སའི་གཙུག་སྡེ་ཅིག་ཨིན་པའི་དམིགས་ཡུལ་འཕྲོད་མཐུད་ནི།