སྤྱི་ལོ་༢༠༡༧ ལོའི་ མེགསི་གི་སློབ་དཔོན་སློབ་སྦྱོང་གི་སློབ་གཉེར་གྲོགས་རམ་གྱི་དོན་ལུ་ཕྱི་སེལ་གྲུབ་འབྲས། - ༡/༠༣/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་ མེགསི་གི་སློབ་དཔོན་སློབ་སྦྱོང་གི་སློབ་གཉེར་གྲོགས་རམ་གྱི་དོན་ལུ་ཕྱི་སེལ་གྲུབ་ཡོད་མི་མི་ངོ་ཚུ་གསལ་བསྒྲགས་འབདཝ་ཨིན། སྤྱི་ཚེས་༣/༣/༢༠༡༧ ཉི་མའི་ཆུ་ཚོད་༢:༠༠ ལས་འགོ་བཙུགས་ ཕྱི་སེལ་གྲུབ་མི་མི་ངོམ་ཚུ་འབྲི་རྒྱུགས་ལེན་ནི་ཨིནམ་ལས་ མི་ངོམ་ག་ར་ ཞི་ལྷན་གྱི་མི་སྟོབས་གོང་འཕེལ་སྡེ་ཚན་ནང་ ཉི་མའི་ཆུ་ཚོད་༡:༣༠ ལུ་ སྙན་ཞུ་འབད་གནང་། གནད་དོན་ཁ་གསལ་གྱི་དོན་ལུ་ ཚེ་དབང་ཆོས་སྒྲོན་ ཡང་ན་ པ་སངས་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་༣༢༢༤༩༡ ནང་འབྲེལ་བ་མཛད་གནང་།  ཁ་གསལ།


སྤྱི་ལོ་༢༠༡༧ ལོའི་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ འབྲུག་གཞུང་གི་སློབ་གཉེར་གྲོགས་རམ་ཐོབ་མིའི་གྲུབ་འབྲས། - ༢༧/༠༡/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ འབྲུག་གཞུང་གི་སློབ་གཉེར་གྲོགས་རམ་ཐོབ་མིའི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ།   གདམ་འཐུ་གྲུབ་མིའི་ཐོ།


སྤྱི་ལོ་༢༠༡༨ ལོའི་ ཨཱསི་ཊེ་ལི་ཡཱན་སློབ་གཉེར་གྲོགས་ནང་ལེན། - ༢༧/༠༡/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༨ ལོའི་ ཨཱསི་ཊེ་ལི་ཡཱན་སློབ་གཉེར་གྲོགས་རམ་གྱི་དོན་ལུ་ དང་འདོད་ཅན་དང་ཚད་གཞི་ཚང་མི་འབྲུག་མི་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ཞུ་ཡིག་བཙུགས་ཚེས་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ།


སྤྱི་ལོ་༢༠༡༧ ལོའི་ ནེཧ་རུ་དབང་ཕྱུག་སློབ་གཉེར་གྲོགས་རམ་གྱི་དོན་ལུ་ཕྱི་སེལ་གྲུབ་འབྲས། - ༢༦/༠༡/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་ ནེཧ་རུ་དབང་ཕྱུག་སློབ་གཉེར་གྲོགས་རམ་གྱི་དོན་ལུ་ཕྱི་སེལ་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ།    ཕྱི་སེལ་གྲུབ་པའི་མི་ངོམ་ཚུ།   བཙུག་འཐུའི་ཚད་གཞི།


བཀོད་ཁྱབ་གོ་གནས་ཀྱི་ས་སྟོང་། - ༢༣/༠༡/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱྀ་ཁ་ཐུག་ལས་ གཡོག་ཐོག་གི་ཞི་གཡོགཔ་ཚུ་གི་དོན་ལུ་ གཤམ་གསལ་གྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན།   ཁ་གསལ་གྱི་དོན་ལུ་ ནཱ་ལུ་གཡེབ་གནང་།


ས་སྟོང་གསལ་བསྒྲགས། - ༢༠/༠༡/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ དང་འདོད་ཅན་གྱི་འབྲུག་མི་ཚུ་གིས་ གཤམ་གསལ་གྱི་མཉམ་སྡེབ་ཁག་འབག་གི་ས་སྟོང་ནང་ཞུ་ཡིག་བཙུགས་གནང་ཟེར་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ།


རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ འབྲུག་གཞུང་གི་སློབ་གཉེར་གྲོགས་རམ་གྱི་དོན་ལུ་ཕྱི་སེལ། - ༡༧/༠༡/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ནང་ འབྲུག་གཞུང་གི་སློབ་གཉེར་གྲོགས་རམ་གྱི་དོན་ལུ་ཕྱི་སེལ་གྲུབ་པའི་མི་ངོ་ཚུ་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ།      ཕྱི་སེལ་གྲུབ་མིའི་མི་ངོའི་ཐོ།

 


པི་ཨེན་ཨེས་ཀྲི/མེགསཊ་གི་སློབ་གཉེར་གྲོགས་རམ། - ༡༦/༠༡/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ པི་ཨེན་ཨེས་ཀྲི/མེགསཊ་གི་སློབ་གཉེར་གྲོགས་རམ་གྱི་འོག་ལུ་ ན་ནོ་སེཏི་ལའིཊ་གུར་ གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་གྱི་སློབ་གཉེར་གྲོགས་རམ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ།


སྤྱི་ལོ་༢༠༡༧ ལོའི་ཐའི་ལེནཌ་རྒྱལ་སྤྱིའི་གོང་འཕེལ་མཐུན་ཚོགས་ལས་སྡེའི་ནང་སློབ་གཉེར་གྲོགས་རམ་ཀྱི་དོན་ལུ་ཕྱི་སེལ་གྲུབ་པའི་མི་ངོ། - ༡༦/༠༡/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་ཐའི་ལེནཌ་རྒྱལ་སྤྱིའི་གོང་འཕེལ་མཐུན་ཚོགས་ལས་སྡེའི་ནང་སློབ་གཉེར་གྲོགས་རམ་ཀྱི་དོན་ལུ་ཕྱི་སེལ་གྲུབ་པའི་མི་ངོ་ཚུ་གི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ།


བཀོད་ཁྱབ་གོ་གནས་ཀྱི་ས་སྟོང་གསལ་བསྒྲགས། - ༡༣/༠༡/༢༠༡༧།

བཀོད་ཁྱབ་གོ་གནས་ཀྱི་ས་སྟོང་གསལ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ གཡོག་ཐོག་གི་ཞི་གཡོགཔ་ཚུ་གི་དོན་ལུ་ གཤམ་གསལ་གྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན།

གོ་གནས།                  མདོ་ཆེན།

གོ་གནས་ཀྱི་གནས་རིམ།        བཀོད་ཁྱབ་༣ པ་ ཀ

ཉུང་མཐའི་ཤེས་ཚད་དགོཔ།      གཙུག་ལག་ཤེས་ཚད།

ལས་སྡེ། མདོ་ཆེན་གྱི་ཡིག་ཚང་། ཞབས་ཏོག་ལྷན་ཁག  ཁ་གསལ།