པི་ཨེན་ཨེས་ཀྲི/མེགསཊ་གི་སློབ་གཉེར་གྲོགས་རམ། - ༡༦/༠༡/༢༠༡༧།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ པི་ཨེན་ཨེས་ཀྲི/མེགསཊ་གི་སློབ་གཉེར་གྲོགས་རམ་གྱི་འོག་ལུ་ ན་ནོ་སེཏི་ལའིཊ་གུར་ གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་གྱི་སློབ་གཉེར་གྲོགས་རམ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན།  ཁ་གསལ།


མཁས་མཆོག་གི་གོ་གནས་ཡར་སེང་། - ༢༦/༡༢/༢༠༡༦།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ཚེས་༢༠/༡༢/༢༠༡༦ ལུ་ཚོགས་ཡོད་པའི་ ལྷན་ཚོགས་ཞལ་འཛོམས་ཐེངས་༨༨ པའི་གྲོས་ཆོད་དང་འཁྲིལ་ཏེ་མཁས་མཆོག་༧ ལུ་ གོ་གནས་ཡར་སེང་གནང་ཡི།


འབྲུག་ཞི་གཡོག་ཆོས་རྒྱུགས་ཀྱི་kཐོ་གཏུག་གྲུབ་འབྲས་གསལ་བསྒྲགས། - ༢༦/༡༢/༢༠༡༦།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ འབྲུག་ཞི་གཡོག་ཆོས་རྒྱུགས་༢༠༡༦ ལོའི་ མཐོ་གཏུག་ཞུ་མི་གི་གྲུབ་འབྲས་ཚུ་གསལ་བསྒྲགས་འབདཝ་ཨིན།


སྤྱི་ལོ་༢༠༡༧ སྤྱི་ཟླ་༡ པའི་སྤྱི་ཚེས་༡ ལས་མགྱོགས་འགྲོས་དང་གཟེངས་ཐོན་གོ་གནས་ཡར་སེང་། - ༢༠/༡༢/༢༠༡༦།

སྤྱི་ཚེས་༦/༡༢/༢༠༡༦ ལུ་ ཚོགས་ཡོད་པའི་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་ཚོགས་ཞལ་འཛོམས་ཐེངས་༨༦ པའི་གྲོས་ཆོད་ལྟར་ གཤམ་གསལ་གྱི་གོ་གནས་ཡར་སེང་ཆ་འཇོག་གནང་ཡོདཔ།

གཟེངས་ཐོན་གོ་གནས་ཡར་སེང་།

མགྱོགས་འགྲོས་གོ་གནས་ཡར་སེང་།


ངག་རྒྱུགས་ཀྱི་དུས་ཚེས་གྲངས། - ༣/༡༠/༢༠༡༦།

འབྲུག་ཞི་གཡོག་ཆོས་རྒྱུགས་ཀྱི་ངག་ཐོག་ཆོས་རྒྱུགས་འདི་ སྤྱི་ཟླ་༡༠ པའི་སྤྱི་ཚེས་༡༧ ལས་ ༢༩ ཚུན་འགོ་འདྲེན་འཐབ་ནི། ཁ་གསལ་གྱི་དོན་ལུ་ bcse.rcsc.gov.bt ནང་ལུ་གཟིགས་གནང་།


བཀོད་ཁྱབ་ཀྱི་གནས་སོར། - ༢༢/༠༩/༢༠༡༦།

སྤྱི་ཚེས་༢༠/༠༩/༢༠༡༦ ལུ་ ཚོགས་ཡོད་པའི་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཚོགས་ཐེངས་༧༩ པའི་གྲོས་ཆོད་དང་འཁྲིལ་ཏེ་ སྤྱི་ཚེས་༠༡/༠༩/༢༠༡༦ ལས་འགོ་བཙུགས་ གཤམ་གསལ་གྱི་བཀོད་ཁྱབ་ཚུ་ ལས་གཡོག་གནས་སོར་བཏང་ཡོདཔ་ཨིན།  ཁ་གསལ།


སྤྱི་ལོ་༢༠༡༦ ལོའི་འབྲུག་ཞི་གཡོག་ཆོས་རྒྱུགས་ཀྱི་ཁ་གསལ། - ༢༢/༠༩/༢༠༡༦།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཞི་གཡོག་དངོས་གཞི་ཆོས་རྒྱུགས་ཀྱི་ཁ་གསལ་ཚུ་གསལ་བསྒྲགས་འབདཝ་ཨིན། ཁ་གསལ་གྱི་དོན་ལུ་ www.rcsc.gov.bt/www.bcse.gov.bt ནང་ལུ་གཟིགས་གནང་།


གཞུང་དྲུང་ཆེན་ཚུ་འདེམས་བསྐོས་གནང་ཡོདཔ། - ༡༩/༠༧/༢༠༡༦།

དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ་ རྩ་ཚན་གཉིས་པའི་དོན་ཚན་ ༡༩༽ མ་པའི་དགོངས་དོན་དང་འཁྲིལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རང་ཟླ་༦ པའི་ཚེས་༩ ལུའམ་ སྤྱི་ཚེས་༡༣/༠༧/༢༠༡༦ ལུ་ གཤམ་གསལ་དྲུང་ཆེན་ཚུ་འདེམས་གནང་ཡོདཔ་ཨིན། ཁ་གསལ།


མཁས་མཆོག་གི་གོ་གནས་ཡར་སེང་། - ༡/༠༧/༢༠༡༦།

སྤྱི་ཚེས་༡༤/༠༦/༢༠༡༦ ལུ་ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་ཚོགས་ཞལ་འཛོམས་ ཐེངས་༦༦ པའི་གྲོས་ཆོད་ལྟར་ མཁས་མཆོག་༡༥ ལུ་ སྤྱི་ཚེས་༡/༧/༢༠༡༦ ལས་འགོ་བཙུགས་ཏེ་ གོ་གནས་ཡར་སེང་གནང་ཡོདཔ་ཨིན།  ཁ་གསལ།


ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་མདོ་ཆེན་བསྐོ་བཞག་འབད་ཡོདཔ། - ༡/༠༧/༢༠༡༦།

སྤྱི་ལོ་༢༠༡༦ སྤྱི་ཟླ་༧ པའི་སྤྱི་ཚེས་༡ ལས་འགོ་བཙུགས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བདག་སྐྱོང་གཙོ་འཛིན་འགོ་དཔོན་ ཨེ་ཀརྨ་རིན་འཛིན་འདི་ ཁྱད་རིག་རྒྱབ་སྐྱོར་ལས་ཁུངས་ཀྱི་མདོ་ཆེན་སྦེ་བསྐོ་བཞག་འབད་ཡོདཔ་དང་ སྲིད་འཆར་སྡེ་ཚན་གྱི་འཆར་གཞི་གཙོ་འཛིན་འགོ་དཔོན་འདི་ སྔོན་འགོག་དང་ཤེས་ཡོན་ལས་ཁུངས་ཀྱི་མདོ་ཆེན་སྦེ་བསྐོ་བཞག་འབད་ཡོདཔ་ཨིན།

གོང་གསལ་འགོ་དཔོན་གཉིསཔོ་འདི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཡིག་ཚང་ནང་ སྤྱི་ཚེས་༡༠/༠༦/༢༠༡༦ ལུ་ ཀུན་གཏོགས་འགྲན་བསྡུར་ཅན་གྱི་གདམ་འཐུ་འབད་བའི་གྲུབ་འབྲས་དང་འཁྲིལ་ཏེ་ཨིན།