གཞུང་དྲུང་ཆེན་ཚུ་འདེམས་བསྐོས་གནང་ཡོདཔ།- ༡༩/༠༧/༢༠༡༦།

དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ་ རྩ་ཚན་གཉིས་པའི་དོན་ཚན་ ༡༩༽ མ་པའི་དགོངས་དོན་དང་འཁྲིལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རང་ཟླ་༦ པའི་ཚེས་༩ ལུའམ་ སྤྱི་ཚེས་༡༣/༠༧/༢༠༡༦ ལུ་ གཤམ་གསལ་དྲུང་ཆེན་ཚུ་འདེམས་གནང་ཡོདཔ་ཨིན།

༡༽   གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་ཀརྨ་དབང་ཕྱུག་དཔལ་འབྱོར་དེ་ཉིད་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དྲུང་  ཆེན་སྦེ་འདེམས་བསྐོས་གནང་ཡི།

༢༽   ཤེས་རིག་ལྷན་ཁག་ ཤེས་ཡོན་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་ ཀརྨ་ཡེ་ཤེས་དེ་ཉིད་ ཤེས་རིག་ལྷན་ཁག་གི་དྲུང་ཆེན་སྦེ་འདེམས་བསྐོས་གནང་ཡི།

༣༽   སོ་ནམ་དང་ནགས་ཚལ་ལྷན་ཁག་ སོ་ནམ་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་ ཉིམ་རྡོ་རྗེ་དེ་ཉིད་ དངུལ་རྩིས་ལྷན་ཁག་གི་དྲུང་ཆེན་སྦེ་འདེམས་བསྐོས་གནང་ཡི།

༤༽   རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ བསོད་ནམས་དབང་ཕྱུག་དེ་ཉིད་ ལས་གཡོག་དང་མི་སྟོབས་ལྷན་ཁག་གི་དྲུང་ཆེན་སྦེ་འདེམས་བསྐོས་གནང་ཡི།

༥༽   ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ བཀའ་ཁྲིམས་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་བསོད་ནམས་སྟོབས་རྒྱས་དེ་ཉིད་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་དྲུང་ཆེན་སྦེ་འདེམས་བསྐོས་གནང་ཡི།

༦༽   གསོ་བའི་ལྷན་ཁག་ གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་དེ་ཉིད་ གསོ་བའི་ལྷན་ཁག་གི་དྲུང་ཆེན་སྦེ་འདེམས་བསྐོས་གནང་ཡི།