དབྱེ་ཁག་གི་གཏན་འཛོད།སྤྱིར་གཏང་གི་བརྡ་སྐུལ།

ས་གནས་གཞུང་གི་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ལུ་ ཞི་གཡོགཔ་ཚུ་གིས་ འབྲུག་གི་ཞི་གཡོག་བཅའ་ཁྲིམས་༢༠༡༠ ཅན་མ་དང་ ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་དགོངས་དོན་ཚུ་ལུ་གནས་དགོཔ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཚུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ འབྲུག་གི་ཞི་གཡོག་བཅའ་ཁྲིམས་༢༠༡༠ ཅན་མ་དང་འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་གཤམ་བཀོད་དགོངས་དོན་ཚུ་ལུ་གནས་དགོ་པའི་ཐུགས་ཀྱི་དྲན་གསོ་ཕུལཝ་ཨིན། ཁ་གསལ། Post Views: 1,469

ཁྱད་འཛིན་ ༡ པའི་གོ་གནས་ཀྱི་དོན་ལུ་ ཀུན་གཏོགས་འགྲན་བསྡུར་ཐོག་གདམ་འཐུ་འབད་སྲོལ་ཡོད་མི་འདི་ མཚམས་འཇོག་འབད་ཡོདཔ།

ཁྱད་འཛིན་ ༡ པའི་ གོ་གནས་ཀྱི་དོན་ལུ་གདམ་འཐུའི་བྱ་རིམ་འདི་གལ་ཅན་ཅིག་ཨིན། དེ་ཡང་ འགོ་ཁྲིདཔ་གི་གོ་གནས་ཅིག་ ཨིནམ་མ་ཚད་ བཀོད་ཁྱབ་ཀྱི་གོ་གནས་ཚུ་གི་དོན་ལུ་འཐོན་ས་ཅིག་ཨིན། འདི་འབདཝ་ལས་ སྤྱི་ཚེས་ ༠༢/༠༢/༢༠༢༡ ལུ་ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་ཚོགས་ཞལ་འཛོམས་ཐེངས་ ༧༩ པའི་གྲོས་ཆོད་དང་འཁྲིལ་ བརྟག་ཞིབ་འབད་མི་ཚུ་ ཡིག་ཐོག་བསྒྲིལ་བསྒྲགས་མ་འབད་ཚུན་ ཁྱད་འཛིན་ ༡ པའི་གོ་གནས་ཀྱི་དོན་ལུ་ ཀུན་གཏོགས་འགྲན་བསྡུར་ཐོག་གདམ་འཐུ་འབད་སྲོལ་ཡོད་མི་འདི་ འདི་འཕྲོ་ལས་མཚམས་འཇོག་འབདཝ་ཨིན། ཁ་གསལ། Post Views: 1,490

འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་དོན་ཚན་ ༩.༧.༦.༥ པ་དང་འཁྲིལ་ ཡུན་རིང་སློབ་སྦྱོང་སྐབས་ཀྱི་སློབ་སྦྱོང་བལྟ་བཤལ་གྱི་དོན་ལུ་འོས་འབབ་ཚད་གཞི་འཕྲི་སྣོན་འབད་ཡོད་པའི་བརྡ་སྐུལ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ཁ་ཐུག་ལས་བརྟག་ཞིབ་དང་གྲོས་བསྟུན་མཐིལ་ཕྱིན་འབད་ཞིནམ་ལས་ མི་སྟོབས་ཀྱི་བྱ་རིམ་ཚུའི་དབང་ཚད་ཕྱིར་སྤེལ་ལེ་ཤ་འབད་ཚུགས་ཐབས་ལུ་དང་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅན་མའི་དོན་ཚན་ ༩.༧.༦.༥ པ་འདི་གོ་རྟོགས་ལེགས་ཤོམ་སྦེ་ལག་ལེན་བསྟར་སྤྱོད་འབད་ནིའི་དོན་ལུ་ སློབ་སྦྱོང་བལྟ་བཤལ་གྱི་གཞི་བཀོད་ཅིག་བཟོ་ཡོདཔ་ཨིན། ཁ་གསལ། Post Views: 1,475