ཀཱཊ་མཱན་གྲུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཡིག་ཚང་གི་གཡོག་གི་ས་སྟོང་གསལ་བསྒྲགས།- ༡༨/༠༩/༢༠༡༥།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ཁ་ཐུག་ལས་ཀཱཊ་མཱན་གྲུ་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཡིག་ཚང་འོག་གི་ཨིསི་ལ་མ་བཱད་ནུས་ཤུགས་ལྟེ་བའི་ཡིག་ཚང་ནང་གཤམ་གསལ་གཡོག་གི་ས་སྟོང་གསལ་བསྒྲགས་འབདཝ་ཨིན།
༡༽   ལས་རིམ་གཙོ་འཛིན།༼ནུས་ཤུགས་ཚོང་འབྲེལ།༽
༢༽   ཞིབ་འཚོལ་འབྲེལ་འཛིན།༼ནུས་ཤུགས་འཇོན་ཐངས།༽
ས་སྟོང་དེ་གི་དོན་ལུ་དང་འདོད་ཅན་གྱི་ཞི་གཡོགཔ་ཚུ་གི་འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༢ཅན་མའི་ལེའུ་༡༥པ་ སྐབས་གཡོག་གི་དོན་ཚན་༡༥.༤པའི་དགོངས་དོན་གྲུབ་མི་ཚུ་གིས་ཞུ་ཡིག་བཙུགས་གནང་།ཁ་གསལ་གྱི་དོན་ལུ ་www.saarcculture.org འདི་ནང་གཟིགས་གནང།