ཐིམ་ཕུག་ཁྲོམ་སྡེ་ཡིག་ཚང་གི་ བཀོད་ཁྱབ་དྲུང་ཆེན་གྱི་གོ་གནས་ཀྱི་དོན་ལུ་ གདམ་འཐུའི་གྲུབ་འབྲས།- ༢༤/༡༡/༢༠༡༥།

སྤྱི་ཚེས་༡༣/༡༡/༢༠༡༥ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཐིམ་ཕུག་ཁྲོམ་སྡེ་ཡིག་ཚང་གི་ བཀོད་ཁྱབ་དྲུང་ཆེན་གྱི་གོ་གནས་ཁར་ ཀུན་གཏོགས་འགྲན་བསྡུར་ཅན་གྱི་གདམ་འཐུ་འགོ་འདྲེན་འཐབ་མི་ནང་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ འཆར་གཞི་གཙོ་འཛིན་འགོ་དཔོན་ ངོམ་པ་སངས་རྡོ་རྗེ་དེ་ཉིད་ བཀོད་ཁྱབ་དྲུང་ཆེན་གྱི་གོ་གནས་ཁར་ གདམ་འཐུ་གྲུབ་ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཁ་གསལ།