བཀོད་ཁྱབ་གནས་སོར།- ༡/༠༤/༢༠༡༦།

སྤྱི་ཚེས་༢༨/༠༣/༢༠༡༦ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་དམིགས་བསལ་ཞལ་འཛོམས་ཀྱི་གྲོས་ཆོད་དང་འཁྲིལ་ཏེ་ བྷྲ྄་སེལས་ལུ་ཡོད་པའི་ འབྲུག་གཞུང་སྐུ་ཚབ་ཡིག་ཚང་གི་ ཧེ་མའི་སྐུ་ཚབ་ ངོམ་བསོད་ནམས་ཚོང་དེ་ ཕྱི་འབྲེལ་ལྷན་ཁག་ མགྲོན་སྐྱོང་ལས་ཁུངས་ཀྱི་ མགྲོན་སྐྱོང་གཙོ་འཛིན་སྦེ་ ལས་གཡོག་གནས་སོར་སྦེ་བཏང་ཡོདཔ་ཨིན།