བཀོད་ཁྱབ་གནས་སོར།- ༨/༠༤/༢༠༡༦།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ གནས་སྐབས་ཀྱི་གནས་སོར་ཐོག་ལུ་ཡོད་མི་ ཌོག་ཊར་ཨྱོན་ཚེ་དབང་དེ་ཉིད་ སྤྱི་ཚེས་༠༥/༠༤/༢༠༡༦ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཞལ་འཛོམས་ཐེངས་༥༧ པའི་ གྲོས་ཆོད་དང་འཁྲིལ་ཏེ་ བསྟན་རྒྱས་ལྷན་ཁག་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་ནང་ ཡོངས་ཁྱབ་མདོ་ཆེན་སྦེ་ སྤྱི་ཚེས་༡༥/༠༤/༢༠༡༦ ལས་གཡོག་གནས་སོར་བཏང་ཡོདཔ་ཨིན།