བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ མདོ་ཆེན་ཡིག་ཚང་ནང་ མདོ་ཆེན་གྱི་གཡོག་གི་ས་སྟོང་ཆ་མེད་འབད་ཡོདཔ།- ༢༤/༠༧/༢༠༡༧།

རྒྱལ་གཞུང་ཞི་གཡོག་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཡིག་ཨང་ ཞི་ལྷན་/ཨི་ཨེམ་དྲི/ཀོམ/༡/༢༠༡༧/༡༩༩ སྤྱི་ཚེས་༡༤/༠༧/༢༠༡༧ ཅན་མའི་ནང་གསལ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ མདོ་ཆེན་ཡིག་ཚང་གི་ མདོ་ཆེན་གྱི་གཡོག་གི་ས་སྟོང་གསལ་བསྒྲགས་འབད་ཡོད་མི་འདི་ ཆ་མེད་བཏང་ཡོདཔ་ཨིན།

དེ་བཟུམ་གྱི་ བྱ་སྟབས་མ་བདེཝ་བྱུང་མི་འདི་ལུ་ འབྲེལ་ཡོད་ཡོངས་ཀྱིས་ བཟོད་པ་བཞེས་གནང་།