ཞི་གཡོག་པའི་ཁས་བླངས་དམ་བཅའ། ༢༠༡༥- ༣༡/༡༢/༢༠༡༥།

སྤྱི་ལོ་༢༠༡༥ སྤྱི་ཟླ་༡༢ པའི་སྤྱི་ཚེས་༣༠ ལུ་ གཞུང་གྲྭ་ཚང་གི་གཙུག་ལག་སློབ་དཔོན་རིན་པོ་ཆེའི་དབུ་བཞུགས་ཐོག་ བཀྲིས་ཆོས་རྫོང་གི་གུ་རུ་ལྷ་ཁང་ནང་ སྤྱི་ལོ་༢༠༡༦ ལོའི་ ནང་ལེན་ ཞི་གཡོགཔ་གསརཔ་ཚུ་གི་ ཁས་བླངས་དམ་བཅའ་གི་ལས་རིམ་འགོ་འདྲེན་འཐབ་ཅི། དེ་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ དྲགོས་ཁྲི་འཛིན་གྱི་གཙོས་པའི་ལྷན་འཛིན་རྣམས་དང་འགོ་དཔོན་ཚུ་གིས་བཅའ་མར་གཏོགས་གནང་ཡིས། ཁ་གསལ།