འབྲུག་གི་བཀོད་ཁྱབ་གོ་གནས་ཁའི་ཞབས་ཏོག་སྦྱོང་བརྡར་ ཐེངས་༢ པ།

ལྷན་ཁག་དང་ལས་སྡེ་ རྫོང་ཁག་སོ་སོ་ལས་ བཀོད་ཁྱབ་ཀྱི་གོ་གནས་འཆང་མི་ མི་གྲངས་༡༩ གིས་ ཕུན་ཚོགས་གླིང་རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ འབྲུག་གི་བཀོད་ཁྱབ་ཞབས་ཏོག་གི་སྦྱོང་བརྡར་ཐེངས་༢ པ་འདི་ནང་ བཅའ་མར་གཏོགས་ཡོདཔ་ཨིན། སྦྱོང་བརྡར་འདི་ སྤྱི་ཚེས་༡༡/༡༠/༢༠༡༥ ལས་འགོ་བཙུགས་ཡོདཔ་དང་ སྤྱི་ཚེས་༢༤/༡༠/༢༠༡༥ ལུ་ མཇུག་བསྡུ་ནི་ཨིན་པས།

BEST-II