འབྲུག་གི་ཞི་གཡོག་ཆོས་རྒྱུགས་ ༢༠༡༥ འི་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་གསལ་སྟོན།- ༢༧/༠༨/༢༠༡༥།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༥ འི་ འབྲུག་གི་ཞི་གཡོག་སྔོན་འགྲོའི་ཆོས་རྒྱུགས་ཀྱི་གྲུབ་འབྲས་གསལ་སྟོན་འབད་ཡི། སྤྱི་ཚེས་༢༤/༠༨/༢༠༡༥ ལུ་ ཚོགས་ཡོད་པའི་ ལྷན་ཚོགས་ཀྱི་དམིགས་བསལ་ཞལ་འཛོམས་ཀྱི་སྐབས་ལུ་ དངོས་གཞི་ཆོས་རྒྱུགས་ཀྱི་དོན་ལུ་ སྔོན་འགྲོའི་ཆོས་རྒྱུགས་ལས་ཚད་བཀག་བརྒྱ་དཔྱ་ ༥༠ ཐོབ་དགོཔ་འབད་ གྲོས་ཐག་བཅད་ཡོདཔ་ཨིན། སྐུགས་ཚད་བརྒྱ་དཔྱ་ ༥༠ ཡར་བཅད་ཐོབ་མི་མི་ངོམ་ཚུ་ དངོས་གཞི་ཆོས་རྒྱུགས་ཀྱི་དོན་ལུ་ ཡིག་ཆ་ཚུ་བདེན་དཔྱད་དང་གཏན་འཁེལ་བཟོ་ནིའི་དོན་ལུ་ མི་ངོ་བོ་འབད་ཡིག་ཆ་ཚུ་དང་སྦྲགས་ གཤམ་འཁོད་ཁ་གསལ་དང་འཁྲིལ་ཏེ་ སྙན་ཞུ་འབད་དགོ།

  1. སྤྱི་ཚེས་ ༣༡/༠༨/༢༠༡༥ ལས་ ༡༨/༠༩/༢༠༡༥ ཚུན།  ཡིག་ཆ་བདེན་དཔྱད་ཀྱི་ཚེས་གྲངས་ཀྱི་དོན་ལུ་ ནཱ་ལུ་གཡེབ་གནང་
  2. ས་གནས། སྐུ་གཟུགས་རྒྱང་བསྒྲགས་ཀྱི་ས་ཁོངས་ནང་། འབྲུག་ཚོང་དང་བཟོ་གྲྭ་ཡིག་ཚང་གི་གདོང་ཕྱོགས།
  3. དུས་ཚོད། དྲོ་པ་ཆུ་ཚོད་༩-༥ ཚུན་ ཡིག་ཚང་གི་དུས་ཚོད་ཁར། རེས་གཟའ་ཉིམ་ལུ་ དྲོ་པ་ཆུ་ཚོད་༩ ལས་ཉི་མ་༡ ཚུན།

ཡིག་ཆ་དགོཔ། ནཱ་ལུ་གཡེབ་གནང་།

གྲུབ་འབྲས་གཟིགས་ནིའི་དོན་ལུ། ནཱ་ལུ་གཡེབ་གནང་།

དྲན་གསོ།

གཡོག་ཐོག་ཡོད་པའི་མི་ངོམ་ཚུ་ དངོས་གཞིའི་ཆོས་རྒྱུགས་ཀྱི་དོན་ལུ་ ཞི་གཡོག་བརྡ་དོན་རིམ་ལུགས་ནང་ལས་བཏོན་པའི་ ཤེས་ཚད་དུས་མཐུན་བཟོ་ཡོད་པའི་ ཁྱད་ཡོན་ངོ་ཐོའི་འདྲ་འབག་འོང་དགོ།