དབྱེ་ཁག་གི་གཏན་འཛོད།སྤྱིར་གཏང་གི་བརྡ་སྐུལ།

དུས་མིན་དགོངས་ཞུ་འབད་མི་ཚུ་ལུ་ དངུལ་ལོག་སྤྲོད་ཐངས་ཀྱི་ལམ་ལུགས་འདི་ འདི་འཕྲོ་ལས་བཀག་ཆ་འབད་ཡོད་པའི་བརྡ་བསྐུལ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ སྤྱི་ཚེས་ ༡༢.༠༣.༢༠༡༩ ལུ་ཚོགས་ཡོད་པའི་ལྷན་ཚོགས་ཞལ་འཛོམས་ཐེངས་ ༡༤༧ པའི་གྲོས་ཆོད་དང་འཁྲིལ་ཏེ་ ཞི་གཡོག་ཕན་བདེ་ལས་འཆར་གྱི་དངུལ་ལོག་སྤྲོད་ཐངས་ཀྱི་ལམ་ལུགས་འདི་ མ་འོངས་ཡུན་བརྟན་འབད་བཞག་ནིའི་དོན་ལུ་བསྐྱར་ཞིབ་འབད་ཡོདཔ་ཨིན། ཁ་གསལ། Post Views: 1,546

ཞི་གཡོག་ནང་ བཀོད་ཁྱབ་ཀྱི་གནས་རིམ་ཚུ་ལུ་ སྤྱི་ཚེས་ ༡༡-༡༢/༠༣/༢༠༡༩ ཚུན་ རང་ནང་ཞིབ་འཚོལ་གྱི་ལས་རིམ་ ཐེངས་༡ པ།

སྤྱི་ཚེས་ ༡༡-༡༢/༠༣/༢༠༡༩ ལུ་འགོ་འདྲེན་འཐབ་མིའི་ རང་ནང་ཞིབ་འཚོལ་གྱི་ལས་རིམ་ནང་ བཀོད་ཁྱབ་ ༢༤ གིས་བཅའ་མར་གཏོགས་ཡོདཔ་ཨིན། ཡུ་ཨེས་ཨེ་རང་ནང་ཞིབ་འཚོལ་སྤེལ་ཁང་དང་མཉམ་འབྲེལ་ཐོག་ལས་རིམ་འགོ་འདྲེན་འཐབ་མི་འདི་ འབྲུག་གི་ཞི་གཡོགཔ་ཚུ་ལུ་ སེམས་འཚོར་དྲག་པོའི་བློ་རིག་གི་རིག་རྩལ་ཚུ་སྟོན་ནིའི་དོན་ལུ་ཨིན། ཁ་གསལ། Post Views: 1,615

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ཨུ་ཨེས་ཨེ་རང་ནང་ཞིབ་འཚོལ་སྤེལ་ཁང་གཉིས་ཀྱི་བར་ན་ འཆར་གཞི་བསྟར་སྤྱོད་ཀྱི་ཆིངས་ཡིག་གུ་མཚན་རྟགས་བཀོད་ཡོདཔ།

སྤྱི་ཚེས་ ༡༣/༠༣/༢༠༡༩ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ཨུ་ཨེས་ཨེ་རང་ནང་ཞིབ་འཚོལ་སྤེལ་ཁང་གཉིས་ཀྱི་བར་ན་ ཞི་གཡོག་གི་འགོ་ཁྲིདཔ་ཚུ་གི་རྒྱུད་ལུ་ སེམས་དྲན་ཤེས་གུ་གཞིར་བཞག་ཐོག་སེམས་ཚོར་དྲག་པོའི་འདུ་ཤེས་ཀྱི་བློ་རིག་ཐོབ་ནིའི་དོན་ལུ་ འཆར་གཞི་བསྟར་སྤྱོད་ཀྱི་ཆིངས་ཡིག་གུ་མཚན་རྟགས་བཀོད་ཡོདཔ། ཁ་གསལ། Post Views: 663