དབྱེ་ཁག་གི་གཏན་འཛོད།སྤྱིར་གཏང་གི་བརྡ་སྐུལ།

བརྡ་སྐུལ།

ད་ལན་ སྤྱི་ཚེས་༢༥/༠༧/༢༠༡༧ ལུ་ ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཚོགས་ཐེངས་༡༠༤ པའི་ གྲོས་ཆོད་ལྟར་ ཁྱད་རིག་དང་འཛིན་སྐྱོང་ དེ་ལས་ ལྟ་བཀོད་དང་རྒྱབ་སྐྱོར་གྱི་གོ་གནས་ཀྱི་དབྱེ་རིམ་ནང་ཡོད་མི་ཞི་གཡོགཔ་ཚུ་ སྤྱི་ལོ་༢༠༡༧-༢༠༡༨ ལོའི་ རང་སོའི་ལཱ་གི་ལས་འཆར་བཟོ་སྟེ་ སྤྱི་ཚེས་༣༡/༠༨/༢༠༡༧ གྱི་ནང་འཁོད་ ཞི་ལྷན་མཆོག་འགྱུར་འཛིན་སྐྱོང་སྡེ་ཕྲན་ལུ་ གློག་རིག་ཡོངས་འབྲེལ་ཐོག་སྤྲོད་ཚར་དགོ་པའི་དྲན་གསོ་གི་བརྡ་སྐུལ་འབདཝ་ཨིན།   ཁ་གསལ། Post Views: 1,027

བརྡ་སྐུལ།

སྤྱི་ཚེས་༠༨/༡༡/༢༠༡༦ ལུ་ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་ཚོགས་ཞལ་འཛོམས་ཐེངས་༨༢ པའི་སྐབས་ལུ་ ཞི་གཡོག་བཅའ་ཡིག་༢༠༡༢ ཅན་མའི་དོན་ཚན་ ༩.༤.༤.༧ པ་ “སྦྱོང་བརྡར་གྱི་སྐབས་ལུ་ ཉིན་འཐུས་ནང་ཡངན་འགྲོ་སོང་ཚུ་ གྲོགས་རམ་པ་གིས་བྱིན་མིའི་ཐད་ གཞུང་གི་ཁ་ཐུག་ལས་དེ་ཚུ་བྱིན་མི་ཆོག” ཟེར་ཡོད་མི་འདི་ ཤོ་མཆུངས་སྦེ་ལག་ལེན་མ་འཐབ་པའི་མངོན་གསལ་བྱུང་ཡོདཔ་ཨིན། ཁ་གསལ། Post Views: 7

ལས་བྱེད་འཐེབ་ཚུ་ ལོག་སྟེ་གཡོག་བཀོལ་གྱི་བརྡ་སྐུལ།

སྤྱི་ཚེས་༡༥/༡༡/༢༠༡༦ ལུ་ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཞལ་འཛོམས་ཐེངས་༨༣ པའི་སྐབས་ ལྷན་ཁག་དང་ལས་སྡེ་ དེ་ལས་མི་སྟོབས་འཛིན་སྐྱོང་སྡེ་ཚན་གྱིས་ ལས་བྱེདཔ་འཐེབ་ཚུ་ལོག་སྟེ་གཡོག་བཀོལ་འབད་མི་གུར་བསྐྱར་སྐབས་ ད་རུང་ལས་བྱེད་འཐེབ་བསྡུ་ལེན་འབད་དེ་ལོག་སྟེ་གཡོག་བཀོལ་འབད་དགོཔ་སྦེ་གསལ་སྟོན་བྱུང་ཡོདཔ་ཨིན།༌༌༌ཁ་གསལ། Post Views: 898