དབྱེ་ཁག་གི་གཏན་འཛོད།གཡོག་གི་ས་སྟོང།

དངུལ་རྩིས་ལྷན་ཁག་ འཆར་དངུལ་ལས་ཁུངས་ཀྱི་མདོ་ཆེན་གྱི་གོ་གནས་ཀྱི་དོན་ལུ་ གདམ་འཐུའི་གྲུབ་འབྲས།

དངུལ་རྩིས་ལྷན་ཁག་ འཆར་དངུལ་ལས་ཁུངས་འོག་གི་ མི་སྡེ་དང་ལམ་སྲོལ་སྡེ་ཚན་གྱི་ འཆར་དངུལ་གཙོ་འཛིན་འགོ་དཔོན་ བདེ་སྐྱིད་དབང་མོ་དེ་ འཆར་དངུལ་ལས་ཁུངས་ཀྱི་མདོ་ཆེན་སྦེ་གདམ་འཐུ་གྲུབ་ཡོདཔ་ཨིན། དེ་ཡང་ སྤྱི་ཚེས་༢༦/༠༣/༢༠༢༡ ལུ་ ཀུན་གཏོགས་འགྲན་བསྡུར་གྱི་བྱ་རིམ་འགོ་འདྲེན་འཐབ་པའི་གྲུབ་འབྲས་ཨིན། འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་དོན་ཚན་༢༦.༤.༣.༦(ཁ) པ་དང་འཁྲིལ་ གདམ་འཐུ་གྲུབ་མི་ མི་ངོམ་གྱིས་ སྤྱི་ཚེས་༡༩/༠༤/༢༠༢༡ གི་ནང་འཁོད་ གཤམ་གསལ་གྱི་ཡིག་ཆ་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཀོད་ཁྱབ་དང་མཁས་མཆོག་འཛིན་སྐྱོང་སྡེ་ཚན་ནང་བཙུགས་དགོཔ་ཨིན། – རྩིས་ཞིབ་ཉོག་མེད།(ཆ་གནས་ཡོད་པའི་འདྲ།) – ཉེན་སྲུང་ཉོག་མེད་ལག་ཁྱེར།(ཆ་གནས་ཡོད་པའི་འདྲ།) Post Views: 727

སྤྱི་ལོ་ ༢༠༢༠ ལོའི་འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་གཡོག་གི་ས་སྟོང་ཚུ་ ཡང་བསྐྱར་གཙོ་རིམ་སྒྲིགས་ཡོདཔ།(ཁྱད་རིག་ལཱ་གཡོག)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཁྱད་རིག་དང་འཛིན་སྐྱོང་གི་དབྱེ་ཁག་ནང་(ཁྱད་རིག་ལཱ་གཡོག) སྤྱི་ལོ་ ༢༠༢༠ ལོའི་འབྲུག་གི་ཞི་གཡོག་ཆོས་རྒྱ྄གས་ཀྱི་ཐོག་ལས་གདམ་འཐུ་འབད་ནིའི་དོན་ལུ་ ཡང་བསྐྱར་གཙོ་རིམ་སྒྲིགས་ཡོད་པའི་གཡོག་གི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། དེ་སྦེ་ གཡོག་གི་ས་སྟོང་ ཡང་བསྐྱར་གཙོ་རིམ་སྒྲིགས་དགོ་མི་འདི་ཡང་ དངོས་གཞི་ཆོས་རྒྱུགས་ཀྱི་དོན་ལུ་མཐར་འཁྱོལ་མིའི་གྱངས་ཁ་དང་འཁྲིལ་ཏེ་ཨིན། གཡོག་གི་ས་སྟོང་དང་གཡོག་གནས་ཀྱི་ཁ་གསལ་ཚུ་ གཤམ་འཁོད་ཐིག་ཁྲམ་ནང་བཀོད་དེ་ཡོད། ཁ་གསལ། Post Views: 538

ཡང་བསྐྱར་ས་སྟོང་གསལ་བསྒྲགས།་(ཕྱོགས་མཐུན་གནས་སོར་)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ མི་སྟོབས་འགོ་དཔོན་ཚུའི་གོ་གནས་གུ་ཕྱོགས་མཐུན་གནས་སོར་གྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། ཁ་གསལ། Post Views: 545