པདྨ་དགའ་ཚལ་རྫོང་ཁག་གི་ རྫོང་བདག་འདེམས་བསྐོས་གནང་ཡོདཔ།- ༡༡/༡༢/༢༠༡༥།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢ པའི་ དོན་ཚན་༡༩༽ ཙ་ པའི་དགོངས་དོན་དང་འཁྲིལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ཚོགས་སྡེའི་ མདོ་ཆེན་ ཕུན་ཚོགས་དེ་ཉིད་ རང་ཟླ་༡༠ པའི་ཚེས་༠༥ ལས་ པདྨ་དགའ་ཚལ་རྫོང་ཁག་གི་རྫོང་བདག་འབད་ འདེམས་བསྐོས་གནང་ཡོདཔ་ཨིན།