རྩོམ་སྒྲིག་པའི་གཏན་མཛོད།: Ugyen Zangmo

བཀོད་ཁྱབ་གནས་སོར།

སྤྱི་ཚེས་༠༦/༠༥/༢༠༢༡ ལུ་ཚོགས་ཡོད་པའི་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་ཚོགས་ཞལ་འཛོམས་ཐེངས་༨༦ པའི་གྲོས་ཆོད་དང་འཁྲིལ་ དངུལ་རྩིས་ལྷན་ཁག་གི་མདོ་ཆེན་ཡིག་ཚང་གི་མདོ་ཆེན་ འཇིགས་མེད་རྣམ་རྒྱལ་དེ་ཉིད་ སྤྱི་ཚེས་༡༥/༠༤/༢༠༢༡ ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་མདོ་ཆེན་སྦེ་ གནས་སོར་བཏང་ཡོདཔ་ཨིན། Post Views: 646

སྤྱི་ལོ་༢༠༢༢ ལོའི་དོན་ལུ་ཨོས་ཏྲ་ལི་ཡ་གི་སློབ་གཉེར་གྲོགས་རམ།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མི་མང་ལུ་ཞུ་དོན་དེ་ཡང་ ནད་ཡམས་ཀོ་ཝིཊ་༡༩ ལས་བརྟེན་ ཨིང་ལིཤ་ཁ་སྐད་བརྟག་ཞིབ་ཆོས་རྒྱུགས་ཀྱི་ལྟེ་བ་ཚུ་སྒོ་བསྡམས་ཏེ་ཡོདཔ་ཨིན། དེ་དང་འབྲེལ་ ཨོས་ཏྲ་ལི་ཡ་གི་སློབ་གྲོགས་རམ་གྱི་དོན་ལུ་དགོ་པའི་ཨིང་ལིཤ་ཁ་སྐད་ཀྱི་ཁྱད་ཚད་འདི་ གཤམ་གསལ་ལྟར་བདེ་སྒྲིག་འབད་ཡོདཔ་ཨིན། ཁ་གསལ། Post Views: 668

རྒྱལ་ཡོངས་ཚོགས་འདུའི་མདོ་ཆེན་གྱི་གོ་གནས་ཀྱི་ས་སྟོང་གསལ་བསྒྲགས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གཡོག་ཐོག་ཨིན་མི་ཞི་གཡོགཔ་ཚུ་ལུ་ གཤམ་གསལ་གྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། ཁ་གསལ། Post Views: 666