དབྱེ་ཁག་གི་གཏན་འཛོད།སྤྱིར་གཏང་གི་ཁྱབ་བསྒྲགས།

སློབ་དཔོན་གོང་འཕེལ་གྱི་དོན་ལུ་ཀྲོང་གསར་དཔོན་སློབ་གྱི་སློབ་གཉེར་གྲོགས་རམ།(སློབ་དུས་ནང་ལེན: སྤྱི་ལོ་༢༠༢༡ སྤྱི་ཟླ་༨ པ།)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཤེས་རིག་ལྷན་ཁག་གི་འོག་ལུ་ཡོད་པའི་སློབ་དཔོན་ཚུ་གི་དོན་ལུ་ མངའ་བདག་རྒྱལ་པོའི་ཡིག་ཚང་གི་ཁ་ཐུག་ལས་ ཐའི་ལེནཌ་རང་སིད་གཙུག་ལག་སློབ་སྡེ་ནང་ལུ་ རྩ་གཞུང་དང་སློབ་སྟོན་ནང་གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་སློབ་གཉེར་གྲོགས་རམ་གྱི་ས་སྟོང་༥ ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཁ་གསལ།

བཀོད་ཁྱབ་གནས་སོར།

སྤྱི་ཚེས་༠༦/༠༥/༢༠༢༡ ལུ་ཚོགས་ཡོད་པའི་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་ཚོགས་ཞལ་འཛོམས་ཐེངས་༨༦ པའི་གྲོས་ཆོད་དང་འཁྲིལ་ དངུལ་རྩིས་ལྷན་ཁག་གི་མདོ་ཆེན་ཡིག་ཚང་གི་མདོ་ཆེན་ འཇིགས་མེད་རྣམ་རྒྱལ་དེ་ཉིད་ སྤྱི་ཚེས་༡༥/༠༤/༢༠༢༡ ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་མདོ་ཆེན་སྦེ་ གནས་སོར་བཏང་ཡོདཔ་ཨིན།

བཀོད་ཁྱབ་གནས་སོར།

སྤྱི་ཚེས་ ༠༢/༠༣/༢༠༢༡ ལུ་ཚོགས་ཡོད་པའི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་ཚོགས་ཞལ་འཛོམས་ ཐེངས་ ༨༢ པའི་གྲོས་ཆོད་དང་འཁྲིལ་ཏེ་ གཤམ་གསལ་ལྟར་ བཀོད་ཁྱབ་ཚུ་གནས་སོར་བཏང་ཡོདཔ་ཨིན། ༡༽ སྤུ་ན་ཁ་རྫོང་ཁག་གི་ རྫོང་བདག་ ཀརྨ་འབྲུག་པ་འདི་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་ སྦེ་གནས་སོར་བཏང་ཡོདཔ་ཨིན། ༢༽ སྤ་རོ་རྫོང་ཁག་གི་ རྫོང་བདག་ བསྟན་འཛིན་འཕྲིན་ལས་འདི་ ཤེས་རིག་ལྷན་ཁག་འོག་གི་ ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ སྦེ་གནས་སོར་བཏང་ཡོདཔ་ཨིན།