དབྱེ་ཁག་གི་གཏན་འཛོད།འཕྲལ་གྱི་གནས་ཚུལ།

འབྲུག་ཞི་གཡོག་ཆོས་རྒྱུགས་༢༠༢༠ གི་དངོས་གཞི་ཆོས་རྒྱུགས་ཀྱི་མཐོ་གཏུག་གྲུབ་འབྲས།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༢༠ ལོའི་འབྲུག་ཞི་གཡོག་ཆོས་རྒྱུགས་ཀྱི་དངོས་གཞི་ཆོས་རྒྱུགས་ཀྱི་མཐོ་གཏུག་གི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། མི་ངོམ་ཚུ་གིས་ ཡིག་ཐོག་དང་ངག་ཐོག་ཆོས་རྒྱུགས་ཀྱི་སྐུགས་ཚད་གུར་མཐོ་གཏུག་བཙུགས་མི་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་བསྐྱར་ཞིབ་འབད་ཡོདཔ་དང་ གྲུབ་འབྲས་ཀྱི་སྐུགས་ལུ་བསྒྱུར་བཅོས་མེད་པའི་གསལ་བསྒྲགས་འབདཝ་ཨིན། ཁ་གསལ། Post Views: 781

སློབ་དཔོན་གོང་འཕེལ་གྱི་དོན་ལུ་ཀྲོང་གསར་དཔོན་སློབ་གྱི་སློབ་གཉེར་གྲོགས་རམ།(སློབ་དུས་ནང་ལེན: སྤྱི་ལོ་༢༠༢༡ སྤྱི་ཟླ་༨ པ།)

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཤེས་རིག་ལྷན་ཁག་གི་འོག་ལུ་ཡོད་པའི་སློབ་དཔོན་ཚུ་གི་དོན་ལུ་ མངའ་བདག་རྒྱལ་པོའི་ཡིག་ཚང་གི་ཁ་ཐུག་ལས་ ཐའི་ལེནཌ་རང་སིད་གཙུག་ལག་སློབ་སྡེ་ནང་ལུ་ རྩ་གཞུང་དང་སློབ་སྟོན་ནང་གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་སློབ་གཉེར་གྲོགས་རམ་གྱི་ས་སྟོང་༥ ཡོད་པའི་གསལ་བསྒྲགས་འབདཝ་ཨིན། ཁ་གསལ། Post Views: 898

གདམ་འཐུ་དང་གཡོག་གནས།

སྤྱི་ལོ་༢༠༢༠ ལོའི་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་རྐྱབ་མི་མི་ངོ་ཚུ་ ཞི་གཡོག་ནང་གདམ་འཐུ་དང་གཡོག་གནས་ཀྱི་དོན་ལས་ གཤམ་གསལ་ལྟར་འབད་ནི་ཨིན། ཁ་གསལ། Post Views: 798